WordPress.org བོད་ཡིག https://bo.wordpress.org Wed, 01 Apr 2020 01:32:23 +0000 bo hourly 1 https://wordpress.org/?v=6.2-alpha-54954 https://s.w.org/favicon.ico?2 WordPress.org བོད་ཡིག https://bo.wordpress.org 32 32 WordPress 5.4 “Adderley” https://bo.wordpress.org/2020/03/31/wordpress-5-4-adderley/ https://bo.wordpress.org/2020/03/31/wordpress-5-4-adderley/#respond Tue, 31 Mar 2020 00:59:00 +0000 https://bo.wordpress.org/?p=1593 Nat Adderley ལགས་ལ་དྲན་གསོ་བྱེད་པའི་ཆེད་དུ། ཐོན་རིམ་འདིའི་མིང་ལ “Adderley” བཏགས་པ་ཡིན། ཁྱེད་རང་གི་ཡོ་ཆས་སྟེགས་བུ་ལས་གསར་བཅོས་བྱེད་ཆོག་པ་དང་ཡང་ན WordPress ཡི་ཐོན་རིམ་གསར་ཤོས་དང་ལེགས་ཤོས་དེ་ཕབ་ལེན་གནང་ཆོག་པ་ཡིན།

དེ་བས་མང་བ་དང་དེ་བས་ལེགས་པར་ལག་འཇུ་བྱེད་པ།

དེ་བས་གསོན་ཉམས་ལྡན་པའི་བྱེད་སྟངས་དེ་བས་མང་བ་མཁོ་འདོན་བྱེད་པ་དང་། དེ་བས་སྟབས་བདེ་བའི་བྱེད་ཐབས་ལ་བརྟེན་ནས་ལེགས་གྲུབ་དང་། བལྟས་ཚོད་ཀྱིས་ཀྱང་སྔོན་ཆད་ལས་དེ་བས་ལེགས་པ་དང་། ད་དུང་ཁྱེད་རང་ལ་མྱུར་ཚད་མཐོ་རུ་འགྲོ་གི་འཇུག་ཐུབ།

WordPress 5.4 སྤྱོད་པར་དགའ་བསུ་ཡོད།

པར་གཞི་རེ་རེས་རྡོག་པོ་རྩོམ་སྒྲིག་ཆས་ལ་བྱེད་ནུས་མང་པོ་གསར་སྣོན་བྱེད་ངེས་རེད།

དེ་བས་མང་བའི་པར་རིས་ཀྱིས་རྩོམ་ཡིག་དང་ལྡེབ་ངོས་དེ་བས་གསོན་ཉམས་ལྡན་པའི་བྱེད་སྟངས་མཁོ་འདོན་བྱེད་ཐུབ། དྲ་རྒྱའི་ཞབས་ཞུ་རྩེ་གྲ་དེ་བས་མང་བ་སྤྱད་དེ་སྣ་མང་ཅན་གྱི་བཙུད་འཇུག་ནང་དོན་མཁོ་འདོན་བྱེད་པ་དང་དྲ་ཚིགས་ཀྱི་མགྲོན་པོར་དྲ་ཚིགས་ནང་ཞུགས་ཚད་རྒྱུན་འཁྱོངས་བྱེད་པར་ཁྲིད་སྟོན་བྱེད་ཐུབ།

ཁྱེད་ཀྱིས་རིགས་དབྱིབས་ཁ་ཤས་ཀྱི་ཁུལ་ལ་རྒྱུས་མངའ་མེད་ཀྱང་། དེ་དང་འདྲ་བར་དེ་བས་ཀྱང་མཐོང་ཐུབ་པ་ནི་ཐོབ་ཆ་ཡིན་པ་དང་། རྡོག་པོ་དེ་ཡང་དག་པའི་སྡོད་གནས་སུ་འཇུག་པའི་བྱེད་སྟངས་འདོན་སྤྲོད་བྱེད་ཐུབ།

བྱེད་ནུས་ཚང་མ་མྱུར་ཚད་མགྱོགས་སུ་ཕྱིན་ཡོད། དེར་བརྟེན་ཁྱེད་ཀྱིས་རྡོག་པོ་དང་། པར་མཛོད། ནང་དོན་བཅས་གང་འདྲ་ཞིག་བྲིས་ནའང་དེ་སྔོན་གྱི་ལས་ཀའི་བརྒྱུད་རིམ་ལས་མགྱོགས་པ་ཡོད་པའི་ཚོར་སྣང་ཡོང་གི་ཡོད།

རྡོག་པོ་གསར་རྐྱང་གཉིས་དང་དེ་བས་ལེགས་པའི་རྡོག་པོ་སྤྱི་ཡོངས་ཀྱི་བེད་སྤྱོད་ཉམས་ལེན།

  • རྡོག་པོ་གསར་རྐྱང་གཉིས་ཏེ: སྤྱི་ཚོགས་འབྲེལ་བའི་དྲ་རྒྱའི་ཞབས་ཞུའི་རིས་རྟགས་དང་མཐེབ་གནོན་རྡོག་པོས་སྟབས་བདེའི་ངང་མཉམ་འགུལ་ནུས་པ་འཛུགས་ཐུབ།
  • ཚོན་མདངས་ལ་འགྱུར་ལྡོག་གཏོང་བའི་བྱེད་ཐབས་གསར་པ: གཅུས་སྒོ་དང་མདུན་ཤོག་ལ་རིམ་བཞིན་འགྱུར་ལྡོག་ནུས་པ་དང་། ཡིག་སྨར་ཕུན་སུམ་ཚོགས་པའི་དུམ་བུར་ཚོན་མདངས་གཏན་འཁེལ་གྱི་ནུས་པ་འདོན་པ། ཚོགས་པ་དང་སྟར་སྒྲིག་ཁུལ་ལ་ཚོན་མདངས་གཏན་འཁེལ་གྱི་ནུས་པ་འདོན་པ།
  • ཐོན་རིམ 5.4 དེས་རྡོག་པོ་རེ་རེའི་ནང་འཇུག་པའི་སྨྱན་མང་གཟུགས་ཀྱི་ནང་དོན་གྱི་བརྒྱུད་རིམ་སྟབས་བདེ་རུ་བཏང་བ་དང་། ད་ཆ་རྡོག་པོ་མང་ཆེ་བར་བཀོལ་སྤྱོད་བྱེད་སྟངས་གཅིག་མཚུངས་ཡིན།
  • གལ་ཏེ་ཁྱེད་ཀྱིས་སྔོན་ཆད་སྨྱན་སྦྱོར་དང་ཡིག་རྐྱང་རྡོག་པོའི་ནང་གི་པར་རིས་དེ་ནང་དོན་གཞན་དག་དང་སྦྲེལ་མཐུད་བྱེད་བསམ་མྱོང་ན། དཔེར་ན། ཡིག་ཆ་རུ་ཕབ་ལེན་བྱེད་ཆོག་པའི་པར་རིས་ལག་དེབ་ལྟ་བུ། པར་གཞི་གསར་པའི་ནང་ད་ལྟ་ནུས་པ་འདི་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།

དེ་བས་སྟབས་བདེ་བའི་སྤྱོད་མཁན་གྱི་འཆར་ངོས་དང་ཕྱོགས་སྟོན་ཚན་བྱང་།

  • རྡོག་པོ་ཕྱོགས་སྟོན་རྟགས་ཀྱིས་དེ་བས་སྟབས་བདེ་བའི་རྡོག་པོ་ཕྱོགས་སྟོན་བྱེད་སྟངས་མཁོ་འདོན་བྱས་ཚེ་ཁྱེད་རང་གིས་རྡོག་པོ་འདེམས་སླ་བ་ཡོད།
  • ཁྱེད་རང་གིས་མཐེབ་གཞོང་ལ་བརྟེན་ནས་བཀོལ་སྤྱོད་བྱེད་སྐབས། ད་ལྟ་དེ་བས་ལེགས་པའི Tab མཐེབ་དང་མདོ་འདུ་བྱེད་སྟངས་མཁོ་འདོན་བྱེད་པ་ཡིན། དེ་མིན། ཁྱེད་ཀྱིས Tab མཐེབ་སྤྱད་ནས་རྡོག་པོ་གང་རུང་གི་འགྲམ་ཚང་དུ་བརྗེ་ཐུབ།
  • མྱུར་ཚད་ནི་བླ་ན་མེད་པ། རྩོམ་སྒྲིག་ཆས་ནང་བླུགས་པའི་དུས་ཚོད 14% མགྱོགས་སུ་གཏོང་བ་དང་ནང་འཇུག་དུས་ཚོད 51% མགྱོགས་སུ་གཏོང་ཐུབ།
  • རྩོམ་སྒྲིག་ཆས་ཀྱིས་སྦྱར་བྱང་འདོན་སྤྲོད་མི་བྱེད་པ་དང་། དེའི་ཚབ་ཏུ་ལེན་པ་ནི་ཁྱེད་ལ་དགོས་མཁོ་ཡོད་དུས་ནམ་ཡིན་ཡང་སྤྱོད་ཆོག་པའི་བྱོན་པ་ལེགས་ཕྱོགས་སྟོན་སྐར་ཁུང་ཡིན།
  • ཁྱེད་རང་མིག་སྔར་རྡོག་པོ་རྩོམ་སྒྲིག་དཔེ་དབྱིབས་སམ་ཕྱོགས་སྟོན་དཔེ་དབྱིབས་སུ་གནས་ཡོད། གལ་ཏེ་ཁྱེད་ཀྱི་མིག་ཤེད་མི་བཟང་ན། འཆར་ཤེལ་ཀློག་ཆས་ཀྱིས་མིག་སྔར་གནས་པའི་རྩོམ་སྒྲིག་ཆས་ཀྱི་རྣམ་པ་བཤད་ངེས།

གལ་ཏེ་ཁྱེད་ཀྱིས་ལག་ཆ་དང་ཁྱད་གཤིས་གསར་ཤོས་སྤྱོད་འདོད་ཚེ། Gutenberg མཐུད་སྣེ་སྒྲིག་འཇུག་བྱོས་དང་། མི་གཞན་གྱི་སྔོན་དུ་རྡོག་པོ་རྩོམ་སྒྲིག་ཆས་གསར་བ་བཀོལ་སྤྱོད་བྱེད་ཐུབ།

ཁྱེད་ཀྱི་གཞི་རྩའི་བདག་དབང: སྒོས་གསང་།

ཐོན་རིམ 5.4 དེ་འཛམ་གླིང་ས་གནས་ཁག་གི་གསང་བའི་དབང་ཆ་མི་འདྲ་བའི་གྲོས་དོན་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཡོད་པས། སྤྱོད་མཁན་དང་དེ་བཞིན་ཁེ་གྱོང་གི་འབྲེལ་བ་ཡོད་མཁན་གྱིས་ཁྲིམས་སྲོལ་གྱི་ལུགས་མཐུན་རང་བཞིན་ནམ་ཡང་ན་དྲ་ཚིགས་གཉེར་སྐྱོང་ཚོགས་པས་སྤྱོད་མཁན་གྱི་དཔྱད་གཞི་ཐག་གཅོད་ཇི་ལྟར་བྱེད་དགོས་པའི་སྐོར་བཀའ་འདྲི་གནང་སྐབས་ཡང་དག་པའི་ངང་ལན་འདེབས་ཐུབ་ངེས་རེད།

ཅིག་ལྟོས་དང:

  • ད་ཆ་མི་སྒེར་གྱི་དཔྱད་ཡིག་ཕྱིར་འདྲེན་བྱས་འབྲས་ནང་སྤྱོད་མཁན་གྱི་ལས་ཀའི་དུས་མཚམས་ཀྱི་ཆ་འཕྲིན་དང་དེ་བཞིན་སྤྱི་ཚོགས་དང་མང་ཚོགས་ཀྱི་བྱེད་སྒོ་ནས་འཚོལ་བསྡུ་བྱས་པའི་སྤྱོད་མཁན་གནས་ཡུལ་གྱི་གྲངས་གཞི་ཚུད་ཡོད། གཞན་ཡང་ཞིབ་བཤེར་བྱས་པའི་གྲངས་གཞི་ལས་དཀར་ཆག་མངོན་ཡོང་།
  • སྒོས་གསང་ལག་ཆ་བརྒྱུད་དེ་ཕྱིར་འདྲེན་དང་བསུབ་རྒྱུའི་རེ་བ་འདོན་སྐབས་ལྟ་ཀློག་གི་འཕེལ་རིམ་ལ་གཟིགས་རོགས་གནང་།
  • གཞན་ཡང་། སྒོས་གསང་ལག་ཆར་ལེགས་བཅོས་ཕྲན་བུ་བྱས་པ་ལས་ཕྱི་ཚུལ་དེ་བས་སྟབས་བདེ་རུ་ཕྱིན་པ་དེས་མིག་ཤེད་འཕྲོད་སྦྱོར་ལ་ཕན་ཐོགས་ཆེན་པོ་ཡོད།

གསར་འབྱེད་པར་སྤྲིངས་པ།

ཐོག་མའི་རང་བཟོས་ཡིག་དུམ་དེ་གདམ་ཐོའི་སྡེ་ཚན་དུ་ཁ་སྣོན།

བཀོལ་སྤྱོད་གསར་རྐྱང་གཉིས་ཀྱིས་གསར་སྤེལ་བྱེད་མཁན་ལ་རང་གིས་བཟོས་པའི་ཡིག་དུམ་ནས་གདམ་ཐོའི་སྡེ་ཚན་ཁྲོད་དུ་ཁ་སྣོན་རྒྱག་ཐུབ་པ་དང་། མཐུད་སྣེ་མི་དགོས་ལ་རང་གིས་བཟོས་པའི walker ཡང་འབྲི་མི་དགོས།

གདམ་ཐོ་དོ་དམ་བརྙན་ཡོལ་ཁྲོད་དུ། wp_nav_menu_item_custom_fields ཡིས་གདམ་ཐོའི་སྡེ་ཚན་རྩོམ་སྒྲིག་ཆས་ཁྲོད་ཀྱི་ཕྱོགས་སྟོན་གདམ་ཐོའི་རྣམ་གྲངས་ཀྱི་སྤོ་བསྣུར་མཐེ་གཅུས་སྔོན་ལ་རྐྱེན་སློང་བྱེད་པ་ཡིན།

རང་བཟོ་ཆས་ཀྱི་ཁྲོད་དུ། wp_nav_menu_item_custom_fields_customize_template ཡིས་གདམ་ཐོའི་སྡེ་ཚན་གྱི་རེའུ་མིག་ཡིག་དུམ་དཔེ་པང་གི་མཇུག་དུ་རྐྱེན་སློང་བྱེད་པ་ཡིན།

ཁྱེད་ཀྱི་ཚབ་ཨང་དང་བཀོལ་སྤྱོད་འདི་གཉིས་ཀྱིས་ཁྱེད་ཀྱི་རང་བཟོས་ཚབ་ཨང་གི་ཚབ་བྱེད་ཐུབ་མིན་ལ་ཞིབ་བཤེར་བྱེད་རོགས། གལ་ཏེ་ཁྱེད་ཀྱིས་ཚབ་ཨང་བསྐྱར་ཟློས་ལ་དོ་སྣང་བྱེད་ན WordPress ཐོན་རིམ་གྱི་ཞིབ་བཤེར་ནང་ཞུགས་ཆོག

རྡོག་པོ་ལ་དེ་ལས་ཀྱང་སྟབས་བདེ་བའི་བཟོ་ལྟ་དང་། གསར་རྐྱང་ཡིན་པའི API དང་བཙུད་འཇུག་ལྡན་ཡོད།

  • ཤིན་ཏུ་སྟབས་བདེ་བའི་རྡོག་པོའི་བཟོ་ལྟ། རྡོག་པོས་ད་ནས་བཟུང་ལྡོག་མའི margin དང་སོར་བཞག་གི padding མཁོ་འདོན་བྱེད་གི་མིན། ཁྱེད་ཀྱིས་ད་ལྟ་དགོས་མཁོ་ལྟར་རྡོག་པོའི་བཟོ་ལྟ་གཏན་ཁེལ་བྱས་ཆོག དེ་མིན། ང་ཚོས་བསྐྱར་སྒྲིག་ལ་བརྟེན་ནས wrapper div ལྷག་མ་བཞི་གཙང་སེལ་བྱས་ཡོད།
  • གལ་ཏེ་ཁྱེད་ཀྱིས་མཐུད་སྣེ་བཟོས་ན། ད་ལྟ་ཁྱེད་ཀྱིས་མིང་བཏགས་པའི་བར་སྟོང་ལྟར་རིགས་དབྱེ་ཐོ་འགོད་ཁུལ་ཚོགས་བྱས་ཆོག འདི་ནི་སྤུས་རྟགས་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་ཧ་ཅང་ཡག་པོ་ཞིག་རེད།
  • སྤྱོད་མཁན་ལ API གསར་བ་གཉིས་བརྒྱུད་ནས་དེ་ལས་མང་བའི་དོན་བྱ་སྒྲུབ་དུ་འཇུག་པ: རྡོག་པོ་འགྱུར་ལྡོག་དང་རིམ་འགྱུར།
  • བཙུད་འཇུག་གི་ཁྲོད་དུ། རྡོག་པོ་རྩོམ་སྒྲིག་ཆས་ཀྱིས་ད་ལྟ TikTok ལ་རམ་འདེགས་བྱེད་པ་དང་སྦྲགས CollegeHumor ལ་རམ་འདེགས་མི་བྱེད།

WordPress 5.4 ནང་གསར་འབྱེད་པས་དགའ་པོ་བྱེད་པའི་རྣམ་གྲངས་གསར་པ་དེ་བས་མང་བ་ཡོད། གལ་ཏེ་བཟོ་བཅོས་འདི་དག་ལ་རྒྱུས་ལོན་བྱས་ནས་ཇི་ལྟར་ཁྱོད་ཀྱི་དྲ་ཚིགས་དང་། དཔེ་སྒྲོམ། མཐུད་སྣེ་སོགས་བཀྲག་མདངས་འཚེར་དུ་འཇུག་འདོད་ཚེ WordPress 5.4 ཡིག་དུམ་ཕྱོགས་སྟོན་ལ་གཟིགས་རོགས་ཞུ།

]]>
https://bo.wordpress.org/2020/03/31/wordpress-5-4-adderley/feed/ 0
WordPress 5.3 “Kirk” https://bo.wordpress.org/2019/11/13/kirk/ https://bo.wordpress.org/2019/11/13/kirk/#respond Wed, 13 Nov 2019 04:53:03 +0000 https://bo.wordpress.org/?p=1586

འདི་ནས་གཟབ་རྒྱས་ངང WordPress 5.3 ཁྲོད་ཀྱི་ལེགས་བཅོས་བཏང་བའི་རྡོག་པོ་རྩོམ་སྒྲིག་ཆས་ཀྱིས་བསྣམ་པའི་ཆེས་མཆོག་ཏུ་གྱུར་བའི་སྤྱོད་མཁན་གྱི་ཉམས་ལེན་ངོ་སྤྲོད་བྱེད་རྒྱུ་ཡིན།

5.3 ཡིས WordPress 5.0 ནས་བཟུང་ཏེ་ནང་འདྲེན་བྱས་པའི་རྡོག་པོ་རྩོམ་སྒྲིག་ཆས་ཀྱི་རྡོག་པོ་སྣ་ཚོགས་ལ་རྒྱ་སྐྱེད་དང་ལེགས་བཅོས་བྱས་ནས་སྔར་ལས་མང་བའི་བྱེད་ནུས་ཁ་སྣོན་དང་བདེ་ལྷོད་ཉར་ལེན་ལ་ལེགས་བཅོས་གཏིང་ཟབ་བྱས་ཡོད། རྡོག་པོ་རྩོམ་སྒྲིག་ཆས་ཀྱི་བྱེད་ནུས་གསར་བར་ཇུས་འགོད་རང་དབང་དང་པར་ངོས་སྡེབ་སྒྲིག་གདམ་ཚན་འཕར་མ་དང་བཟོ་ལྟ་བརྗེ་འགྱུར་མཁོ་འདོན་བྱས་ནས། ཇུས་འགོད་བྱེད་མཁན་གྱིས་ཆ་ཚང་བའི་སྒོ་ནས་དྲ་ཚིགས་ཀྱི་ཕྱི་རྣམ་ལ་སྟངས་འཛིན་བྱེད་ཐུབ་པ་ཡིན། ཐེངས་འདིའི་ཐོན་རིམ་གཙོ་བོའི་གསར་བཅོས་ཁྲོད་དུ་ཉིས་སྟོང་ཉི་ཤུ (Twenty Twenty) ཅེས་པའི་དཔེ་སྒྲོམ་བསྣམ་ཡོད་ལ། དེས་སྤྱོད་མཁན་ལ་ཇུས་འགོད་སྔར་ལས་ཀྱང་ལྡེམ་གཤིས་ལྡན་པ་དང་། རྡོག་པོ་རྩོམ་སྒྲིག་ཆས་ལའང་སྔར་ལས་ལེགས་པའི་འདུས་གྲུབ་ཡོད་པར་བྱས། ད་ལྟ་ནི་བཟོ་དབྱིབས་མཛེས་པའི་དྲ་ངོས་དང་པར་ངོས་ཀྱི་སྡེབ་སྒྲིག་གསར་སྐྲུན་བྱེད་པ་ནི་ཧ་ཅང་སྟབས་བདེའི་ལས་ཤིག་ཏུ་གྲུབ་ཡོད་པ་ཡིན།


རྡོག་པོ་རྩོམ་སྒྲིག་ཆས་ཀྱི་ལེགས་བཅོས།

དེ་ཐེངས་ཀྱི་གསར་བཅོས་འདིའི་གཙོ་གནད་ནི་ནུས་པ་གསར་པ་དང་སྤྱོད་གོ་ཆོད་པའི་རང་བཞིན་གྱི་ལེགས་བཅོས་ཁག 150 ལས་བརྒལ་ཡོད་པ་དེ་རེད། དེའི་ནང་ལེགས་བཅོས་བྱས་པའི་པར་རིས་ཆེན་པོའི་རྒྱབ་སྐྱོར་ཚུད་ཡོད་པ་དང་། རིག་ནུས་ལག་ཐོགས་ཁ་པར་རམ་ཡང་ན་སྤུས་ཚད་མཐོ་བའི་པར་ཆས་གཞན་དག་ནས་པར་བླངས་པའི་བཟང་སྒྲིག་བྱས་མེད་པའི་དབྱེ་འབྱེད་ཚད་མཐོའི་པར་རིས་ལ་རམ་འདེགས། དེ་བས་ཆེ་བའི་ཁས་ལེན་པར་རིས་ཀྱི་ཆེ་ཆུང་དང་ཟུང་འབྲེལ་བྱས་ཏེ་པར་རིས་ལ་ཐོག་མཐའ་བར་གསུམ་དུ་རྣམ་པ་ཡག་ཤོས་མངོན་གྱི་ཡོད།

བདེ་ལྷོད་ཉར་ལེན་ལེགས་བཅོས་ཁྲོད་དུ་དོ་དམ་ལྟག་རྒྱབ་ནང་གི་རྡོག་པོ་རྩོམ་སྒྲིག་ཆས་ཀྱི་བཟོ་ལྟ་འདུས་གྲུབ་ཐེ་བ་ཡིན། ལེགས་བཅོས་བྱས་པའི་བཟོ་ལྟ་འདི་དག་གིས་བདེ་ལྷོད་ཉར་ལེན་གྱི་གནད་དོན་མང་པོ་ཐག་གཅོད་བྱས་ཡོད་དེ། དཔེར་ན་རེའུ་མིག་ཡིག་དུམ་དང་མཐེབ་གཅུས་སྟེང་གི་ཁ་དོག་བསྡུར་ཚད། རྩོམ་སྒྲིག་ཆས་དང་དོ་དམ་ལྟག་རྒྱབ་འཆར་ངོས་ཀྱི་ཕྱི་རྣམ་གཅིག་གྱུར་རང་བཞིན། གསར་རྐྱང་ཡིན་པའི་ངོས་ཞབས་བརྡ་སྦྱོར་ཚང་། ཚད་ལྡན་གྱི་སོར་བཞག WordPress ཁ་དོག་ཚོས་སྡེབ་ཇུས་གཞི་དང་། རྡོག་པོ་སྤོ་བསྣུར་བྱེད་དུས་སུ་སྔར་བས་ཀྱང་ལྷོད་ཤ་དོད་པོ་བཅས་ཡིན་པ་ལྟ་བུ། མཐེབ་གཞོང་བཀོལ་སྤྱོད་སྟངས་འཛིན་སྟེགས་བུ་སྤྱོད་མཁན་ལ་མཚོན་ན། རྡོག་པོ་རྩོམ་སྒྲིག་ཆས་ཀྱིས་ད་ལྟ Tab མཐེབ་མ་སྤྱད་ཀྱང་རྡོག་པོ་གཅིག་ནས་རྡོག་པོ་གཞན་ཞིག་ལ་བསྐྱོད་དེ་རྡོག་པོ་སོ་སོའི་སྟངས་འཛིན་ཚང་གི་ཕྱོགས་སྟོན་དཔེ་རྣམ་ལ་ལྟ་ཞིབ་བྱེད་ཐུབ་ཀྱི་ཡོད།


ཇུས་འགོད་ཀྱི་སྟབས་བསྟུན་རང་བཞིན་རྒྱ་སྐྱེད་པ།

WordPress 5.3 ནང་དུ་དེ་བས་མང་བའི་ཧ་ལས་དགོས་པའི་ཇུས་འགོད་གསར་སྐྲུན་གྱི་ལག་ཆ་ཁ་སྣོན་བྱས་ཡོད།

  • ཚན་པ་རྡོག་པོ་གསར་བས་ཁྱེད་རང་ལ་ལས་སླ་པོའི་སྒོ་ནས་ཤོག་ངོས་དེ་ཚོན་ལྡན་ཚན་པར་དབྱེ་རུ་འཇུག་ཐུབ།
  • སྟར་གྱི་རྡོག་པོ་གསར་བས་སྟར་གྱི་ཞེང་ཚད་གཏན་འཇགས་ལ་རམ་འདེགས་བྱེད་པ།
  • སྔོན་བཀོད་གསར་བའི་བཀོད་པས་མཐོ་རིམ་ཇུས་འགོད་ཁྲོད་དུ་བག་ཕེབས་ངང་ནང་དོན་བཀོད་སྒྲིག་བྱེད་ཐུབ་པ།
  • ཁ་བྱང་རྡོག་པོར་ད་ལྟ་ཡིག་རྐྱང་ཁ་དོག་གི་སྟངས་འཛིན་མཁོ་འདོན་བྱེད་པ་ཡིན།
  • བཟོ་ལྟ་འཕར་མའི་གདམ་ཚན་དེས་རྩོམ་པ་པོས་རྩོམ་འབྲི་སྐབས་ཐོག་མའི་བཟོ་ལྟ་དེས་བྱེད་ནུས་དེའི་རྡོག་པོ་གང་རུང་ལ་རམ་འདེགས་བྱེད་པ་ཡིན།

ཉིས་སྟོང་ཉི་ཤུ (Twenty Twenty) ངོ་སྤྲོད།

རྡོག་པོ་རྩོམ་སྒྲིག་ཆས་ཀྱིས་རང་གི་ལོ་གཅིག་གི་སྐྱེས་སྐར་ལོན་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ང་ཚོས་ཉིས་སྟོང་ཉི་ཤུ (Twenty Twenty) ནི་ཇུས་འགོད་སྟབས་བསྟུན་རང་བཞིན་གྱིས་སྲོག་ཤིང་བྱས་པར་དགའ་སྤོབས་སྐྱེ་བཞིན་ཡོད། སྟར་དང་ཚན་པ། ད་དུང་སྨྱན་གཟུགས་རྡོག་པོའི་མཉམ་སྡེབ་བརྒྱུད་ནས་ཁྱོད་ཀྱི་ཞབས་ཞུ་དང་ཐོན་རྫས་འགྲེམ་སྟོན་བྱེད་པ་དང་། ཁྱོད་ཀྱི་ནང་དོན་དེ་ཁྱབ་ཁོངས་ཆེ་བ་དང་ཡང་ན་ཡོངས་སུ་སྙོམས་པ། འགུལ་རྣམ་དང་མི་རྣམས་ཀྱི་ཡིད་དབང་འགུག་པའི་བཀོད་པ། ཡང་ན་ཁྱོད་ཀྱི་བསམ་ཚུལ་དེ་མངོན་གསལ་དོད་པོ་བཟོ་བ་ཡིན།

མིང་ལ་ཉིས་སྟོང་ཉི་ཤུ (Twenty Twenty) ཟེར་བའི་དཔེ་སྒྲོམ་འདིིའི་གསལ་ཚད་དང་ཀློག་ཐུབ་པའི་རང་བཞིན་ཡང་གཙོ་གནད་ཅིག་ཡིན། དཔེ་སྒྲོམ་འདིར Rasmus Andersson ཡིས་ཇུས་འགོད་བྱས་པའི Inter ཡིག་གཟུགས་འདུས་ཡོད། Inter ཡིས་འགྱུར་རུང་བའི་ཡིག་གཟུགས་ཀྱི་ཐོན་རིམ་མཁོ་འདོན་བྱེད་ལ། འདི་ནི་སོར་བཞག་དཔེ་སྒྲོམ་གྱི་ཐོན་རིམ་དང་པོ་དེ་ཡིན། དེས་ཡིག་གཟུགས་ཡིག་ཆ་གཉིས་ཀྱི Inter འདུས་ཡོད་པའི་སྦོམ་ཕྲ་དང་བཟོ་ལྟ་ཡོད་ཚད་ལ་བརྟེན་ནས་ཁུར་སྣོན་བྱེད་པའི་དུས་ཚོད་ཇེ་ཐུང་དུ་གཏོང་བ་ཡིན།


མི་རེ་རེའི་ཐད་ཀྱི་ལེགས་བཅོས།

རང་འགུལ་གྱིས་བརྙན་རིས་འཁོར་བ།

སྐྱེལ་འཇོག་བྱས་རྗེས་བཙུད་འཇུག་གི་ཁ་ཕྱོགས་གཞི་གྲངས་ལྟར་བརྙན་རིས་ཡང་དག་པའི་སྒོ་ནས་འཁོར་བ། བྱེད་ནུས་འདི་ནི་ཐོག་མར་ལོ་ངོ་དགུའི་ཡར་སྔོན་དུ་བཏོན་པ་དང་། བྱས་རྗེས་འཇོག་མཁན་མང་པོའི་རམ་འདེགས་འོག་ཏུ་ད་གཟོད་བྱེད་ནུས་འདི་མངོན་འགྱུར་ཐུབ་པ་བྱུང་བ་ཡིན།

དྲ་ཚིགས་ཀྱི་བདེ་ཐང་ཞིབ་བཤེར།

ཐོན་རིམ 5.3 ཁྲོད་དུ་ནང་འདྲེན་བྱས་པའི་ལེགས་བཅོས་ཀྱིས་དྲ་ཚིགས་ཀྱི་གནད་དོན་རྙེད་རྒྱུ་སྔར་ལས་ཀྱང་སླ་མོར་གྱུར་ཡོད། དྲ་ཚིགས་ཀྱི་བདེ་ཐང་ཅེས་པའི་བརྙན་ཡོལ་ཁྲོད་ཀྱི་ཞིབ་ཕྲའི་གྲོས་གཞིས་དྲ་ཚིགས་སྟེང་དུ་དཀའ་གནད་སེལ་དགོས་པའི་རྣམ་གྲངས་གསལ་བར་སྟོན་ཐུབ།

དོ་དམ་པའི་གློག་ཡིག་བདེན་དཔང་ར་སྤྲོད།

ཐོན་རིམ་འདི་ནས་བཟུང་ཏེ། དྲ་ཚིགས་དོ་དམ་པ་ཐོ་འཇུག་བྱེད་དུས་སུ་དུས་བཀག་ལྟར་དྲ་ཚིགས་དོ་དམ་པའི་གློག་ཡིག་ས་གནས་ཡང་དག་ཡིན་མིན་ངོས་འཛིན་བྱེད་པའི་རེ་བ་འདོན་པ་ཡིན། གལ་ཏེ་དྲ་ཚིགས་དོ་དམ་པས་གློག་ཡིག་ས་གནས་བརྗེ་འགྱུར་བྱས་པ་ཡིན་ན། དྲ་ཚིགས་ཕྱི་རོལ་ལས་ཐོན་པའི་ཉེན་ཁ་ཇེ་ཉུང་དུ་གཏོང་བ་ཡིན།


གསར་འབྱེད་མི་སྣའི་ཐད།

ཟླ་ཚེས་དང་དུས་ཚོད་སྒྲིག་ལྷུ་ཞིག་གསོ།

གསར་འབྱེད་པས་ད་ལྟ་སྔར་བས་ཀྱང་ཡིད་རྟོན་རུང་བའི་རྣམ་པས་ ཟླ་ཚེས་དང་དུས་ཁུལ་ རྟེན་འབྱུང་གྲངས་བཀོལ་སྤྱོད་བྱེད་ཆོག་པ་ཡིན། ཟླ་ཚེས་དང་དུས་ཁུལ་གྱི་བྱེད་ནུས་ལ་གཅིག་གྱུར་དུས་ཁུལ་འཚོལ་ཞིབ་དང PHP ཕན་ཚུན་བརྗེ་རེས་ཀྱི་རང་བཞིན་ལ་སྤྱོད་པའི API རྟེན་འབྱུང་གྲངས་གསར་བ་མང་པོ་དང་། ནོར་འཁྲུལ་མང་པོ་ཞིག་གསོ་བྱེད་པའི་བྱ་རིམ་འབྱོར་ཡོད།

PHP 7.4 འཆམ་མཐུན།

WordPress 5.3 ཡི་དམིགས་འབེན་ནི་ཆ་ཚང་བའི་སྒོ་ནས PHP 7.4 ལ་རམ་འདེགས་བྱེད་རྒྱུ་དེ་ཡིན། ཐེངས་འདིའི་འགྲེམ་སྤེལ་ཐོན་རིམ་ཁྲོད་དུ་ གསར་བཅོས་དུ་མ་ འདུས་ཡོད་ལ། སྤྱད་ན་མི་ལེགས་པའི་བྱེད་ནུས་སྤོ་འབུད་ཀྱིས་འཆམ་མཐུན་རང་བཞིན་ལ་ཁག་ཐེག་བྱེད་པ་ཡིན། གསར་འབྱེད་ཚན་ཁག་གི་རེ་བ་ནི་སྤྱོད་མཁན་ཡོངས་ཀྱིས WordPress ལ་ཐོན་རིམ་གསར་ཤོས་དང་ལེགས་ཤོས་ཀྱི PHP ཁོར་ཡུག་ལག་བསྟར་བྱེད་པ་དེ་ཡིན།

]]>
https://bo.wordpress.org/2019/11/13/kirk/feed/ 0
WordPress 5.2 “Jaco” པར་འགྲེམས་བྱས་པ། https://bo.wordpress.org/2019/05/09/jaco/ https://bo.wordpress.org/2019/05/09/jaco/#respond Thu, 09 May 2019 02:35:24 +0000 https://bo.wordpress.org/?p=1557 ཁྱེད་ཀྱི་དྲ་ཚིགས་བདེ་འཇགས་སྲུང་འཛིན།

WordPress 5.2 ཡིས་ཁྱེད་ལ་དེ་བས་ཀྱང་སྟོབས་དང་ལྡན་པའི་ལག་ཆ་འདོན་སྤྲོད་བྱས་ཏེ་སྡེབ་སྒྲིག་གནད་དོན་དང་ནོར་འཁྲུལ་ཚབས་ཆེན་ངོས་འཛིན་དང་ཞིག་གསོ་བྱེད་པར་སྤྱོད་པ་ཡིན། ཁྱེད་ནི་ཚོང་འགྲུལ་པར་རོགས་རམ་བྱེད་པའི་གསར་སྤེལ་མི་སྣ་ཡིན་པའམ་ཡང་ན་ཁྱེད་རང་གིས་དྲ་ཚིགས་དོ་དམ་བྱེད་པ་གང་ཡིན་ནའང་འདྲ་། ཡོ་བྱད་འདི་དག་གིས་ཁྱེད་རང་ལ་མཁོ་བའི་སྐབས་སུ་ཡང་དག་པའི་ཆ་འཕྲིན་ཐོབ་པར་རོགས་རམ་བྱེད་ཐུབ།


དྲ་ཚིགས་ཀྱི་བདེ་ཐང་ཞིབ་བཤེར།

ཐོན་རིམ 5.1 ཁྲོད་དུ་ནང་འདྲེན་བྱས་པའི་དྲ་ཚིགས་ཀྱི་བདེ་ཐང་ཁྱད་གཤིས་ གཞི་བྱས་པ་ལ་བརྟེན་ནས། འགྲེམ་སྤེལ་ཐོན་རིམ་འདིར་ཤོག་ངོས་གསར་བ་གཉིས་ཁ་སྣོན་བྱས་ཏེ་སྤྱིར་བཏང་གི་སྡེབ་སྒྲིག་གནད་དོན་སྐྱོན་སེལ་བྱེད་པར་རོགས་རམ་བྱེད་པ་མ་ཟད། ད་དུང་གསར་འབྱེད་པས་དྲ་ཚིགས་སྲུང་སྐྱོང་བྱེད་མཁན་ལ་སྐྱོན་སེལ་གནས་ཚུལ་མཁོ་འདོན་བྱེད་ཆོག་པའི་སྟོང་མིག་ཁ་སྣོན་བྱས་ཡོད་པ་ཡིན། ཁྱེད་ཀྱི་དྲ་ཚིགས་གནས་བབས་ལ་ཞིབ་བཤེར་བྱེད་པ་ དང་ ཅི་ལྟར་གནད་དོན་སྐྱོན་སེལ་བྱེད་པར་རྒྱུས་ལོན་བྱེད་པ།

PHP ནོར་འཁྲུལ་སྲུང་སྐྱོབ།

དོ་དམ་པ་ལྟེ་བ་བྱས་པའི་གསར་བཅོས་འདིའི་རིགས་ཀྱིས་ཁྱེད་ལ་བདེ་འཇགས་ཀྱི་སྒོ་ནས་ཞིག་གསོ་དང་དོ་དམ་གྱི་སྲོག་རྩར་ཐུག་པའི་ནོར་འཁྲུལ་དང་གསར་སྤེལ་མི་སྣའི་དུས་ཚོད་མི་དགོས། དེ་ལ་དེ་བས་ལེགས་པའི་སྒོ་ནས་ཐག་གཅོད་བྱེད་པའི་“ཤི་བའི་བརྙན་ཡོལ་དཀར་པོ”ཞེས་པ་དང་། དེ་བཞིན་སླར་གསོ་བྱེད་པའི་བྱ་ཐབས་ཤིག་ཡོད་པ་དང་། དེས་ནོར་འཁྲུལ་གྱི་མཐུད་སྣེ་དང་དཔེ་སྒྲོམ་གནས་སྐབས་མཚམས་འཇོག་བྱེད་ཐུབ།


མི་རེ་རེའི་ཐད་ཀྱི་ལེགས་བཅོས།

བདེ་ལྷོད་ཉར་ལེན་གསར་བཅོས།

འགྱུར་ལྡོག་མང་པོ་ཞིག་མཉམ་སྡེབ་ལས་དོན་སྤེལ་ནས་བརྙན་ཡོལ་ལྟ་ཀློག་ཡོ་བྱད་དང་ཞོར་འདེགས་ལག་རྩལ་གཞན་དག་སྤྱོད་མཁན་གྱི་གོང་འོག་ཤེས་ཚོར་དང་མཐེབ་གཞོང་ཕྱོགས་སྟོན་གྱི་བརྒྱུད་རིམ་ལེགས་སུ་བཏང་ཡོད།

ཡོ་ཆས་སྟེགས་བུའི་རྟགས་རིས་གསར་བ།

རྟགས་རིས་གསར་བ་བཅུ་གསུམ་གྱི་ཁྲོད་དུ Instagram, BuddyPress ཡི་རྟགས་རིས་སྐོར་ཞིག་དང་། ཁྱོན་ཡོངས་འདུས་པའི་སའི་གོ་ལ་འཁོར་བའི་རྟགས་རིས་འདུས་ཡོད། ཡོ་ཆས་སྟེགས་བུའི་ཁྲོད་དུ་དེ་དག་རྙེད་ཐུབ་ལ་སྤྲོ་སྣང་ཡང་ལོངས་སུ་སྤྱོད་ཆོག


གསར་འབྱེད་པའི་དགའ་སྤྲོ།

PHP Version Bump

PHP ཐོན་རིམ་གྱི་ཉུང་མཐའི་རམ་འདེགས་ནི་ད་ལྟ 5.6.20 ཡིན། WordPress 5.2 ནས་བཟུང་ཏེ། དཔེ་སྒྲོམ་དང་མཐུད་སྣེ་ཡིས་ namespaces དང་མིང་མེད་རྟེན་འབྱུང་གྲངས་སོགས་དེ་ལས་མང་བ་ལོངས་སུ་སྤྱོད་ཆོག་པ་ཡིན།

སྒོས་གསང་གསར་བཅོས།

དཔེ་སྒྲོམ་ཤོག་ངོས་ཀྱི་དཔེ་པང་གསར་བ་རུ། ཆ་རྐྱེན་རྟེན་འབྱུང་གྲངས་གཅིག་དང CSS ཡི་རིགས་གཉིས་ཀྱིས་སྒོས་གསང་སྲིད་ཇུས་ཤོག་ངོས་ཇུས་འགོད་དང་མངགས་བཟོ་བྱེད་པར་སྔར་བས་སྟབས་བདེ་བཟོས་ཡོད།

Body འགྲེལ་བྱང་གི་རྙི་གསར་བ།

5.2 ཡིས་རྙི wp_body_open ནང་འདྲེན་བྱས་ཡོད་པ་དང་དེས་དཔེ་སྒྲོམ་གྱི་གྲུབ་ཆ <body> ཡི་འགོ་འཛུགས་སར་ཚབ་ཨང་བླུགས་པར་རམ་འདེགས་བྱེད་པ་ཡིན།

JavaScript འཛུགས་སྐྲུན།

དེ་ཡང wordpress/scripts ཐུམ་བུའི་ཁྲོད་དུ webpack དང་ Babel སྡེབ་སྒྲིག་ཁ་སྣོན་བྱས་པ་བརྒྱུད། གསར་འབྱེད་པས་རྙོག་འཛིང་གི་འཛུགས་སྐྲུན་ལག་ཆ་སྒྲིག་འགོད་ལ་བརྟེན་ནས་དེང་རབས་ཀྱི JavaScript འབྲི་བར་སེམས་ཁུར་བྱ་མི་དགོས།

]]>
https://bo.wordpress.org/2019/05/09/jaco/feed/ 0
WordPress 5.1 “Betty” པར་འགྲེམས་བྱས་པ། https://bo.wordpress.org/2019/02/23/wordpress-5-1-betty/ https://bo.wordpress.org/2019/02/23/wordpress-5-1-betty/#respond Sat, 23 Feb 2019 03:10:24 +0000 https://bo.wordpress.org/?p=1529 རྟག་ཏུ་བཀྲ་ཤིས་པར་གྱུར།

WordPress 5.0 ཡི་རྗེས་མཐུད་དེ་—རྡོག་རྩོམ་སྒྲིག་ཆས་དྲངས་པའི་ཐོན་རིམ་གཙོ་བོ།—5.1ཡིས་ཡག་ཐོག་ཡག་བརྩེགས་ལ་འབད་ཅིང་། ཁྱད་པར་དུ་རྩོམ་སྒྲིག་ཆས་ཀྱི་རྩ་བའི་གཤིས་ནུས་ལེགས་བཅོས་བཏང་པ་ལ་བརྟེན་ནས་སྔར་བས་མགྱོགས་ཤིང་སྔར་བས་བདེ་འཇགས་ཡིན་པའི་ WordPress ལ་འགྲོ་ལམ་བཏོད་དེ་དྲ་ཚིགས་དོ་དམ་པ་དང་གསར་འབྱེད་པར་དགོས་ངེས་ཀྱི་ལག་ཆ་མཁོ་སྤྲོད་བྱས་ཡོད་པ་ཡིན།

དྲ་ཚིགས་ཀྱི་བདེ་ཐང་།

བདེ་འཇགས་རང་བཞིན་དང་མྱུར་ཚད་ལ་གཞིགས་ནས་ཐོན་རིམ་འདིར་ WordPress ཡི་ཐོག་དང་པོའི་ དྲ་ཚིགས་ཀྱི་བདེ་ཐང་ ཅེས་པའི་བྱེད་ནུས་དྲངས་ཡོད། WordPress ཡིས་དུས་ལས་ཡོལ་བའི་ PHP ཐོན་རིམ་འཁོར་བསྐྱོད་བྱེད་བཞིན་པའི་དྲ་ཚིགས་ཀྱི་དོ་དམ་པར་བརྡ་སྦྱོར་གཏོང་འགོ་རྩོམ་པ་དང་། འདི་ནི་ WordPress བྱ་རིམ་སྒྲིག་པའི་སྐད་ཡིག་ཅིག་ཡིན།

མཐུད་སྣེ་གསར་བ་སྒྲིག་འཇུག་བྱེད་དུས་སུ། WordPress ཡི་དྲ་ཚིགས་ཀྱི་བདེ་ཐང་ཅེས་པའི་བྱེད་ནུས་ཀྱིས་མཐུད་སྣེ་ལ་ཁྱེད་ཀྱི་དྲ་ཚིགས་དང་འཆམ་མཐུན་མིན་པའི་ PHP ཐོན་རིམ་དགོས་མིན་ཞིབ་བཤེར་བྱེད་པ་ཡིན། གལ་སྲིད་དེ་ལྟར་ཡིན་ཚེ། WordPress ཡིས་ཁྱེད་ཀྱིས་མཐུད་སྣེ་དེ་སྒྲིག་འཇུག་བྱེད་པར་བཀག་འགོག་བྱེད་པ་ཡིན།

རྩོམ་སྒྲིག་ཆས་ཀྱི་གཤིས་ནུས།

WordPress 5.0 ཁྲོད་དུ་རྡོག་རྩོམ་སྒྲིག་ཆས་གསར་བ་དྲངས་ཏེ་མུ་མཐུད་དུ་ལེགས་བཅོས་བྱས་པ་དང་། དེ་ལས་ཀྱང་གལ་ཆེ་བ་ནི། WordPress 5.1 ཡིས་རྩོམ་སྒྲིག་ཆས་ཁྲོད་དུ་ཡིད་རྟོན་རུང་བའི་གཤིས་ནུས་ལེགས་བཅོས་བསྣམ་ཡོད་ལ། རྩོམ་སྒྲིག་ཆས་དེ་ཇེ་མགྱོགས་སུ་སོང་བའི་སྣང་བ་སྟེར་ངེས་ཡིན་པ་མ་ཟད་ཡི་གེ་གཏག་དུས་སུ་ཡང་ཚོར་བ་སྔར་བས་ཡག་པ་ཡིན། དེ་ལྟ་ནའང་། སྔོན་དཔག་བྱས་ན་པར་གཞི་རྗེས་མའི་ནང་དུ་གཤིས་ནུས་དེ་ལས་ཀྱང་ཇེ་ལེགས་སུ་འགྲོ་བ་རེད།


གསར་འབྱེད་པའི་དགའ་སྤྲོ།

དྲ་ཚིགས་དུ་མ་ཅན་གྱི་ཟུར་བརྗོད་གཞི་གྲངས།

5.1 ཡིས་གཞི་གྲངས་མཛོད་ཀྱི་རེའུ་མིག་གསར་བ་ཞིག་དྲངས་ཏེ་དྲ་ཚིགས་དང་འབྲེལ་ཡོད་ཀྱི་ཟུར་བརྗོད་གཞི་གྲངས་ཉར་ཚགས་བྱེད་པ་དང་། དེ་དང་ལྷན་དུ་དྲ་ཚིགས་དུ་མ་ཅན་ནམ་དྲ་རྒྱའི་འབྲེལ་ཡོད་ཀྱི་གཞི་གྲངས་གང་རུང་ཉར་ཚགས་བྱེད་ཆོག་པ་ཡིན།
མང་དུ་ཀློག

Cron API

Cron API ནི་བྱེད་ནུས་གསར་བར་གསར་བཅོས་བྱས་ཏེ་གཞི་གྲངས་ཕྱིར་ལོག་ལ་རོགས་རམ་བྱེད་པ་མ་ཟད་ cron གཞི་གྲངས་གསར་བ་ཉར་ཚགས་ཀྱི་གདམ་གསེས་གསར་བ་བཟོ་བཅོས་ཡང་འདུ་ལ། བཟོ་བཅོས་གཞན་དག་གིས་ FastCGI དང་ PHP-FPM ཐོན་རིམ་ 7.0.16 དང་ཡང་ན་དེ་ལས་མཐོ་བའི་ཞབས་ཞུ་འཕྲུལ་ཆས་སྟེང་གི་ cron སྐྱེད་གྲུབ་ལ་ཤུགས་རྐྱེན་ཐེབས་པ་ཡིན།
མང་དུ་ཀློག

JS འཛུགས་སྐྲུན་གྱི་གོ་རིམ་གསར་བ།

WordPress 5.1 ལ་དམིགས་བསལ་གྱི་ JavaScript འཛུགས་སྐྲུན་གྱི་གདམ་ཚན་གསར་བ་ཡོད་ལ། ཐོན་རིམ་ 5.0 ཁྲོད་ཀྱི་ཚང་ཨང་གི་ཕོན་ཆེའི་བསྐྱར་སྒྲིག་ལ་རྗེས་སྙེག་བྱེད་པ་ཡིན།
མང་དུ་ཀློག

གསར་འབྱེད་པ་གཞན་དག་གི་བྱམས་བརྩེ།

ལེགས་བཅོས་གཞན་དག་གི་ཁྲོད་དུ་རྒྱུན་གྲངས་ WP_DEBUG_LOG ཡི་གྲངས་ཐང་གསར་བཅོས་དང་། ཚོད་ལྟའི་ཁྲོད་ཀྱི་སྡེབ་སྒྲིག་ཡིག་ཆའི་རྒྱུན་གྲངས་གསར་བ། མཐུད་སྣེའི་རྙི་བཀོལ་སྤྱོད་གསར་བ། wp_unique_post_slug() དང་ WP_User_Query དང་ count_users()ཡི་འགྲོ་ལམ་ཐུང་ངུའི་གདམ་གསེས། རྟེན་འབྱུང་གྲངས་གསར་བ human_readable_duration ལེགས་འགྱུར་བྱས་པའི་རིགས་དགར་ཐབས། ཚོད་འཛིན་གྱི་ LIKE ནི་ WP_Meta_Query སྤྱོད་དུས་སུ་ཟུར་བརྗོད་ལ་རམ་འདེགས་བྱེད་པ། དེ་མིན་ REST API ཐོ་འགོད་བྱེད་དུས་སུ་ནོར་འཁྲུལ་གྱི་བརྡ་སྦྱོར་གསར་བ་གཏོང་བ་སོགས་འདུས་པ་ཡིན།
མང་དུ་ཀློག

]]>
https://bo.wordpress.org/2019/02/23/wordpress-5-1-betty/feed/ 0
WordPress 5.0“Bebo” དངོས་སུ་པར་འགྲེམས་བྱས། https://bo.wordpress.org/2018/12/08/wordpress-5-0bebo-%e0%bd%91%e0%bd%84%e0%bd%bc%e0%bd%a6%e0%bc%8b%e0%bd%a6%e0%bd%b4%e0%bc%8b%e0%bd%94%e0%bd%a2%e0%bc%8b%e0%bd%a0%e0%bd%82%e0%be%b2%e0%bd%ba%e0%bd%98%e0%bd%a6%e0%bc%8b/ https://bo.wordpress.org/2018/12/08/wordpress-5-0bebo-%e0%bd%91%e0%bd%84%e0%bd%bc%e0%bd%a6%e0%bc%8b%e0%bd%a6%e0%bd%b4%e0%bc%8b%e0%bd%94%e0%bd%a2%e0%bc%8b%e0%bd%a0%e0%bd%82%e0%be%b2%e0%bd%ba%e0%bd%98%e0%bd%a6%e0%bc%8b/#respond Sat, 08 Dec 2018 03:36:08 +0000 https://bo.wordpress.org/?p=1519 ཐོན་རིམ་གསར་བ་འདིའི་ནང་དུ་ང་ཚོས་རྩོམ་སྒྲིག་ཆས་ལ་བཟོ་བཅོས་གལ་ཆེན་འགའ་བྱས་ཡོད། ང་ཚོའི་རྡོག་ལ་བརྟེན་ནས་བཟོས་པའི་རྩོམ་སྒྲིག་ཆས་གསར་པ་ནི་མི་རྣམས་སྤྲོ་སེམས་ཆེན་པོས་འབྱུང་འགྱུར་ལ་ཕྱོགས་པའི་གོམ་པ་དང་པོ་ཡིན་ལ། ཁྱེད་ཀྱི་དྲ་ཚིགས་ཐོག་ལ་སྟབས་བདེའི་རྩོམ་སྒྲིག་གི་ཉམས་ལེན་མཁོ་འདོན་བྱེད་གི་ཡིན། ཁྱེད་ཀྱིས་ཐོག་དང་པོར་དྲ་ཚིགས་འཛུགས་པ་དང་པོད་ཁུག་ལ་བཟོ་བཅོས་བྱེད་པ། ཡང་ན་ཚབ་ཨང་འབྲི་བ་སོགས་ཡིན་ནའང་འདྲ། ཁྱེད་རང་གིས་གང་ལ་ཅི་འོས་ཀྱི་སྒོ་ནས་ནང་དོན་འཆར་དུ་འཇུག་ཆོག

རྡོག་ལ་བརྟེན་ནས་བཟོས་པའི་རྩོམ་སྒྲིག་ཆས་གསར་པ།

རྡོག་ལས་གྲུབ་པའི་རྩོམ་སྒྲིག་ཆས་གསར་པས་ཁྱེད་ཀྱི་ནང་དོན་གང་རུང་གིས་བཅར་འདྲི་བྱེད་མཁན་གྱི་ཕྱིའི་རྣམ་པར་འགྱུར་བ་གཏོང་གི་མིན། དེས་བསྒྲུབ་རྒྱུ་ནི་ཁྱེད་ལ་ཡང་བསྐྱར་སྟར་སྒྲིག་བྱས་པའི་ནང་དོན་ཁྲོད་དུ་རིགས་གྲས་གང་རུང་གི་སྨྱན་མང་གཟུགས་བར་འཇུག་བྱེད་རྒྱུ་དེ་ཡིན། ནང་དོན་རེ་རེ་ཚང་མ་རང་ཉིད་ཀྱི་རྡོག་གི་ཁྲོད་དུ་ཡོད་པ་དང་། ཁྱད་པར་ཅན་གྱི་ཐུམ་བུ་ནི་བཀོལ་སྤྱོད་བྱེད་བདེ་བའི་སླད་དུ་ཡིན། གལ་ཏེ་ཁྱེད་ནི HTML དང CSS རིགས་གྲས་ཀྱི་མི་ཞིག་ཡིན་ཚེ། རྡོག་གིས་ཁྱེད་ལ་བཀག་འགོག་བཟོ་མི་སྲིད། WordPress ནི་གོ་རིམ་སྟབས་བདེ་རུ་གཏོང་བ་ལས་འབྲས་བུ་སྟབས་བདེའི་ཆེད་དུ་མིན།

རྡོག་ལ་བརྟེན་ནས་བཟོས་པའི་རྩོམ་སྒྲིག་ཆས་གསར་པ།

དེ་མིན་ད་དུང་ཧང་སངས་དགོས་པའི་སོར་བཞག་དཔེ་སྒྲོམ་གསར་པ་ཞིག་པར་འགྲེམས་བྱས་ཡོད་པ་ནི་མིང་ལ་ཉིས་སྟོང་བཅུ་དགུ་ (Twenty Nineteen) ཟེར་བ་དེ་ཡིན།

གཡོན་ཕྱོགས་ནི Twenty Nineteen ཡི་མདུན་སྣེ་ཡིན་པ་དང་། གཡས་ཕྱོགས་ནི་རྩོམ་སྒྲིག་ཆས་ཀྱི་ཕྱིའི་རྣམ་པ་ཡིན།

Twenty Nineteen ནི་ཐོན་རིམ 5.0 ཁྲོད་དུ་སོར་བཞག་སྤྱོད་རུང་གི་རྡོག་ལ་བརྟེན་ནས་རང་སྒྲུབ་བཟོ་ལྟ་མཁོ་སྤྲོད་བྱེད་པ་དང་། དཔེ་སྒྲོམ་ཧྲིལ་པོའི་ཁྲོད་དུ་རྒྱ་ཁྱབ་ངང་རྩོམ་སྒྲིག་ཆས་ཀྱི་བཟོ་ལྟ་བེད་སྤྱོད་བྱེད་པ་རེད། དེ་ལྟར་བྱས་ན། ཁྱེད་ཀྱིས་ནང་དོན་རྩོམ་སྒྲིག་ཆས་ཁྲོད་དུ་གསར་སྐྲུན་བྱས་པའི་ནང་དོན་ནི་དྲ་ཚིགས་ངོས་སུ་མཐོང་བའི་ནང་དོན་ཡིན་པ་རེད།

Twenty Nineteen ལ་སྟོང་ཆ་འདང་ངེས་ཤིག་ཡོད་ལ། དེང་རབས་ཀྱི sans-serif ཁ་བྱང་དང་ཚད་ལྡན་གྱི serif ནང་དོན་ཡི་གེ་གཉིས་སྡེབ་སྦྱོར་བྱས་ཚེ་དུས་དང་རྣམ་པ་ཀུན་ཏུ་ཚང་མ་མཛེས་སྡུག་ལྡན་པ་ཞིག་ཡིན། དེས་རྒྱུད་ཁོངས་ཀྱི་ཡིག་གཟུགས་བཀོལ་ནས་འཇུག་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་མ་ཟད། དྲ་རྒྱའི་མྱུར་ཚད་དལ་བའི་ཁྲོད་དུའང་བསྒུག་མི་དགོས་པ་ཡིན།

Twenty Nineteen ནི་དཔེ་གཞི་སྣ་ཚོགས་ལ་ཇུས་འགོད་བྱས་པ་ཡིན། ཁྱེད་ཀྱིས་འདྲ་པར་པོད་ཁུག་གཉེར་བ་དང་ལས་སྒོ་གསར་པ་གཉེར་བ། ཡང་ན་ཁེ་ཕན་མེད་པའི་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་པ་སོགས་གང་ཡིན་ཀྱང་རུང་། Twenty Nineteen ནི་འགྱུར་སྐྱེན་པོ་ཡིན་པས་ཁྱེད་ཀྱི་དགོས་མཁོ་སྐོང་ཐུབ་པ་ཡིན།

གསར་འབྱེད་པའི་དགའ་སྤྲོ།

སྲུང་སྐྱོབ།

རྡོག་གིས་སྤྱོད་མཁན་ལ་ནང་དོན་ཐད་ཀར་བསྒྱུར་བའི་བག་ཕེབས་ཀྱི་བྱེད་སྟངས་ཤིག་མཁོ་འདོན་བྱས་ཡོད་ལ། དུས་མཚུངས་སུ་བསམ་ཡུལ་ལས་འདས་པའི་ཚབ་ཨང་རྩོམ་སྒྲིག་གིས་ནང་དོན་གྲུབ་ཆ་ལ་ལས་སླ་བོའི་ངང་ནས་བར་ཆད་མི་བཟོ་བའི་འགན་སྲུང་བྱས་ཡོད། གསར་འབྱེད་པས་སྟངས་འཛིན་ལ་བརྟེན་ནས་ཕྱིར་འདྲེན་དང་སྤུས་རྟགས་འཛུགས་པ། རྟགས་འདི་དག་རྩོམ་སྒྲིག་བྱས་པ་བརྒྱུད་སོར་བཞག་བྱེད་པར་མ་ཟད་ཆག་སྐྱོན་འབྱུང་མི་སླ།

རྩོམ་པ།

བེད་སྤྱོད་རྒྱ་ཁྱབ་ཆེ་བའི API དང་མཐུད་ཁའི་སྒྲིག་ལྷུ་ཚོགས་སྤྱི་ལ་བརྟེན་ནས། ཐད་མཐོང་གི་སྟངས་འཛིན་གྱིས་བག་ཕེབས་ངང་ཁྱེད་ཀྱི་མཁོ་མཁན་སྣེ་ལ་རྡོག་གསར་སྐྲུན་བྱེད་པ་ཡིན། སྒྲིག་ལྷུ་འདི་དག་སྤྱད་ན་གསར་སྤེལ་གྱི་ལས་ཀ་ཇེ་མགྱོགས་སུ་གཏོང་བ་མ་ཟད། ད་དུང་བེད་སྤྱོད་བྱེད་མཁན་ཚང་མར་སྔར་བས་ལེགས་པའི་གཅིག་གྱུར་དང་སྤྱོད་རུང་། སྟབས་བདེ་བཅས་ཀྱི་བཅར་འདྲིའི་འཆར་ངོས་ཤིག་མཁོ་སྤྲོད་བྱེད་པ་ཡིན།

གསར་སྐྲུན།

སྤྱོད་མཁན་གྱི་དགོས་མཁོ་ཐག་གཅོད་སྐབས་སུ་རྡོག་གསར་པའི་རྣམ་པས་འཚོལ་ཞིབ་དང་བསམ་གཞིགས་ཀྱི་ལམ་བུ་གཏོད་པ་རེད། ཆིག་སྒྲིལ་རྣམ་པའི་རྡོག་བར་འཇུག་ལ་བརྟེན་ནས་ཁྱེད་རང་གི་སྐུ་མགྲོན་དང་མཁོ་མཁན་གྱིས་དེ་བས་ལྷོད་གཡེང་ངང་ནང་དོན་གྱི་རིགས་ཡོངས་འཚོལ་བ་དང་བེད་སྤྱོད་བྱེད་ཆོག་ལ། གསར་སྤེལ་མི་སྣས་བློ་རྩེ་གཅིག་ཏུ་གཞོལ་ནས་ཁོ་ཚོའི་འདུན་པ་ལག་བསྟར་བྱས་ཆོག་པར་མ་ཟད། རྩོམ་སྒྲིག་ཉམས་ལེན་ཕུན་སུམ་ཚོགས་པོ་འདོན་སྤྲོད་བྱེད་པ་ལས་དཀའ་ཚེགས་ཀྱི API ལ་བློ་གཡེང་བྱེད་དགོས་མེད་པ་རེད།

]]>
https://bo.wordpress.org/2018/12/08/wordpress-5-0bebo-%e0%bd%91%e0%bd%84%e0%bd%bc%e0%bd%a6%e0%bc%8b%e0%bd%a6%e0%bd%b4%e0%bc%8b%e0%bd%94%e0%bd%a2%e0%bc%8b%e0%bd%a0%e0%bd%82%e0%be%b2%e0%bd%ba%e0%bd%98%e0%bd%a6%e0%bc%8b/feed/ 0
WordPress 4.9.4 སྲུང་སྐྱོང་པར་གཞི་འགྲེམས་སྤེལ་བྱས་པ། https://bo.wordpress.org/2018/02/07/wordpress-4-9-4-maintenance-release/ https://bo.wordpress.org/2018/02/07/wordpress-4-9-4-maintenance-release/#respond Wed, 07 Feb 2018 05:46:06 +0000 https://bo.wordpress.org/?p=1456 WordPress 4.9.4 ད་ལྟ་འགྲེམས་སྤེལ་བྱས་ཟིན།

དེ་སྔར། དུས་ཚོད་ཀྱི་ཁོམ་ལོངས་མ་བྱུང་བ་དང་བྱ་བ་ག་གེ་མོའི་དབང་གིས། བོད་ཡིག་གི WordPress བྱ་རིམ་དེ་ཐོན་རིམ 4.7.2 ནས་ལུས་པ་དང་། དུས་ཚོད་ཡུན་རིང་ཞིག་ལ་ཡིག་བསྒྱུར་གསར་བཅོས་བྱེད་མ་ཐུབ་པ་རེད།

ད་ལྟ་བོད་འགྱུར་ཚོགས་པར་མི་སྣ་ཁ་ཤས་གསར་ཏུ་ཞུགས་པ་དང་བསྟུན་ནས་ཡིག་སྒྱུར་གྱི་བྱ་བར་ཤུགས་སྣོན་བྱས་ཏེ། WordPress 4.9.x ཐོན་རིམ་དེ་ཡོངས་རྫོགས་བོད་ཡིག་ཏུ་བསྒྱུར་ཚར་ཡོད་པ་དང་། དངོས་སུ་ཕབ་ལེན་བྱེད་རྒྱུ་ཡོད།

འདིར་བསྣུན་ནས WordPress 4.9.4 ཕབ་ལེན་བྱེད་པ་དང་ཡང་ན། རང་གི་དྲ་ཚིགས་ལྟག་རྒྱབ་ཀྱི་ཡོ་ཆས་སྟེགས་བུར་བསྐྱོད་ནས་ཐད་ཀར་གསར་བཅོས་བྱེད་ཆོག་གི་ཡོད།

]]>
https://bo.wordpress.org/2018/02/07/wordpress-4-9-4-maintenance-release/feed/ 0
WordPress དང་འབྲེལ་དྲི་བ་གང་ཡོད་གཤམ་དུ་འགོད་རོགས། https://bo.wordpress.org/2016/08/31/welcome/ https://bo.wordpress.org/2016/08/31/welcome/#comments Wed, 31 Aug 2016 07:50:46 +0000 https://bo.wordpress.org/?p=205 1…(WordPress) མཉེན་ཆས་ངོ་སྤྲོད།

(WordPress) མཉེན་ཆས་ནི་དྲ་ཚིགས་ཀྱི་རྣམ་པ་ཅན་གྱི་མཉེན་ཆས་ཤིག་ཡིན་ལ། མཉེན་ཆས་འདི་བེད་སྤྱོད་ཀྱིས་ཧ་ཅང་སྟབས་བདེའི་ངང་དྲ་ཚིགས་གསར་བཟོ་དང་འཛིན་སྐྱོང་བྱེད་ཐུབ།

དེ་བཞིན་མཉེན་ཆས་འདིར་ཁྱད་ཆོས་གཙོ་བོ་འགའ་ཡོད་པ་གཤམ་གསལ་ལྟར་ཡིན།
ཀ… (free) རིན་མེད་ཡིན་པས་བཀོལ་སྤྱོད་པར་རང་དབང་ལྡན་པ་སྟེ། ཐོན་རིམ་གསར་པ་ནམ་ཐོན་ལ་རིན་མེད་ཐོག་ཕབ་ལེན་བྱས་ནས་སྤྱོད་ཆོག་ཆོག་ཡིན།
ཁ…(Open Source) འབྱུང་ཁུངས་ཁ་འབྱེད་ཡིིན་པས་སྒེར་གྱི་དགོས་མཁོ་ལ་བསྟུན་པའི་བཟོ་བཅོས་བྱེད་ པའི་ཐོབ་ཐང་ཡོད་པས་བྱེད་ནུས་ཧ་ཅང་ཆེན་པོ་ཡོད།
ག… རིན་མེད་མཐུད་སྣེ་དང་། ( Plugin ) དཔེ་སྒྲོམ། ( Theme ) སྟོང་ཕྲག་བརྒལ་བ་ཡོད་པས་དྲ་ཚིགས་ཇུས་འགོད་དང་འཛིན་སྐྱོང་ལ་ཉམས་མྱོང་མེད་ མཁན་དག་གིས་ཀྱང་བཀོལ་ཐུབ།
ང… བཀོལ་སྤྱོད་པ་ས་ཡ་མང་པོ་ཡོད་པས་ཁྱབ་རྒྱ་ཆེ་ཞིང་། མཉམ་སྤྱོད་དང་བགྲོ་གླེང་བྱེད་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད།

Screen Shot 2016-08-31 at 5.06.42 pm.png

2…( WordPress) བོད་སྒྱུར་བྱ་བའི་གོ་རིམ།

ང་ཚོས་དྲ་ཚིགས་བཟོ་བའི་བརྒྱུད་རིམ་ཁྲོད་ནས་མཉེན་ཆས་འདི་མཉེན་ཆས་གཞན་ལས་ཕུན་སུམ་ཚོགས་པ་དང་སྟབས་བདེ་བོ་ཡོད་པའི་ངེས་ཤེས་རྙེད། དེ་བས་མཉེན་ཆས་འདི་བོད་སྒྱུར་གྱིས་དྲ་རྒྱའི་དུས་རབས་ཀྱི་བོད་མི་རྣམས་དང་ཁྱད་པར་བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་ཞུ་བའི་སྤྲོ་བ་རྙེད་སོང་། དམིགས་ཡུལ་དང་རྨི་ལམ་དེས་འཛམ་གླིང་ས་ཆ་གང་སར་བཞུགས་པའི་བོད་མི་དང་། ནུབ་ཕྱོགས་པ། ཤར་ཕྱོགས་པ་སོགས་ཆེད་ལས་པ་གང་མང་ཞིག་དྲ་ལམ་མཉམ་འཛོམས་ཀྱིས་བྱ་བར་ཞུགས། ཡུན་རིང་ཞིག་སོང་བའི་དེ་རིང་རྨི་ལམ་ལ་གཤོག་པ་ཐོགས་ཏེ་མཐའ་ཡས་པའི་ཆ་འཕྲིན་ལག་རྩལ་གྱི་མཁའ་དབྱིངས་སུ་འཕུར་འགོ་བརྩམས་ཡོད། མིག་སྔར་ ( WordPress) བཟོ་གྲྭའི་སྐད་ཡིག་སྡེ་ཚན་དུ་བོད་ཡིག་འཇོག་ཐུབ་ཡོད་པ་མ་ཟད།  བོད་ཡིག་ ( WordPress) མཉེན་ཆས་ཕབ་ལེན་དང་བཀོལ་སྤྱོད་བྱེད་ཆོག་ཆོག་ཡིན།

3…( WordPress) བོད་སྒྱུར་ཚོགས་པར་འཛུལ་ཞུགས།

ཆ་འཕྲིན་དུས་རབས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ཇི་ལྟར་མྱུར་བ་བཞིན། ( WordPress) མཉེན་ཆས་ཐོན་རིམ་དེ་ལྟར་མགྱོགས་པས། ཟླ་འགའ་རེའི་མཚམས་ནས་ཐོན་རིམ་གསར་བ་རེ་སླེབ་ཀྱིན་ཡོད། དེ་བས་མི་གྲངས་ཉུང་ཉུང་ཞིག་གིས་དེའི་རྗེས་ཟིན་རྒྱུ་ནི་ཅུང་དཀའ་བའི་གནས་སུ་ལྷུང་ཡོད། སྐུ་ཉིད་ཚོགས་པ་འདིར་འཛུལ་ཞུགས་བྱོས་དང་། ང་ཚོ་མཉམ་དུ་རླབས་ཆེ་བའི་བྱ་བཞག་འདི་རྒྱུན་སྐྱོང་གི་ལས་ལ་འཇུག་པར་བྱའོ།

ཞིབ་ཕྲའི་གནས་ཚུལ་འདྲི་ཡུལ། ཟངས་དཀརཿཚུལ་ཁྲིམས།
སྒེར་འབྲེལ། ཁ་པར་ཨང་གྲངས།: +86 15183711839
གློག་འཕྲིན།: zangtsul@qq.com

 

]]>
https://bo.wordpress.org/2016/08/31/welcome/feed/ 5